གནས་ཡུལ། མདུན་ངོས། གསར་འགྱུར།
 
 
ཆེ་དགྲ་ལྷས་བོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།
སྤེལ་དུས།2019-10-16   ཡོང་ཁུངས་།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། ཚེ་རིང་ཆོས་སྒྲོན་གྱིས་བསྒྲིགས།
      ཚེས་13ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་སྔ་རྗེས་སུ་ཆུ་ཤུར་གྱི་རི་བོང་གསོ་ཚགས་ཁྱབ་གདལ་རྟེན་གཞི་དང་ཉ་གསོ་ར་བ་སོགས་སུ་ཕེབས་ནས་རང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
      གསར་དུ་བསྐྲུན་མ་ཐག་པའི་ཆུ་ཤུར་ས་གཙང་རི་བོང་གསོ་ཚགས་ཁྱབ་གདལ་རྟེན་གཞིར་སྒྲིག་བཀོད་ཆ་ཚང་བ་དང་དོ་དམ་ཚད་དང་ལྡན་པ་དང་། རི་བོང་ཁག་དང་པོ་ས་མཐོར་རིམ་བཞིན་འཕྲོད་དེ་འབྱུང་འགྱུར་གཞི་གྱི་ཁྱོན་ལྡན་པའི་གསོ་ཚགས་ཐུབ་རེ་ཡོད་པ་དང་ས་གནས་དེ་གའི་མང་ཚོཌ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པ་རེད། ཆེ་དགྲ་ལྷ་རི་བོང་གསོ་ཚགས་བྱ་ཡུལ་དུ་ཕེབས་ནས་རི་བོང་ས་མཐོར་འཕྲོད་མིན་དང་། གསོ་ཚགས་མ་གནས། དཔལ་འབྱོར་ཕན་འབྲས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རང་ལྗོངས་སུ་རི་བོང་གཞི་ཁྱོན་ཅན་གྱི་གསོ་ཚགས་བྱེད་ཐེངས་ཐོག་མ་ཡིན་པས་ཁེ་ལས་དང་དོ་དམ་མི་སྣས་ཚན་རིག་དང་མཐུན་པའི་ཚད་ལྡན་གསོ་ཚགས་ལས་དོན་ཡག་པོ་སྒྲུབ་པ་དང་། ཁྲོམ་རའི་དགོས་མཁོར་དམིགས་ནས་བློ་ཁོག་ཆེན་པོས་ཚོད་ལྟ་བྱེད་པ། ཕྱིར་ཚོང་གི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ནས་གནད་སྨིན་དབུལ་སྒྲོལ་ལ་རོགས་རམ་བྱེད་དགོས་ཞེས་གསུངས་པ་རེད།
      ཆུ་ཤུར་རྫོང་ཚལ་སྣེ་ཤང་ས་གཙང་བདེ་ཐང་ཐོན་ལས་གླིང་གི་ཉ་གསོ་ར་བར་དོ་དམ་མི་སྣས། ང་ཚོས་ཆུ་ཤུར་འཇུན་པ་ཉ་གྲོང་གི་སྲོལ་རྒྱུན་གྱི་བཟའ་བཏུང་གོམས་གཤིས་དང་ཟུང་འབྲེལ་བྱས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི“་ཆུ་གྲང་ཉ་སྟོན”བཏོད་པར་ཁྲོམ་རའི་ཐོག་དགའ་བསུ་ཚད་མེད་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པར་ཆེ་དགྲ་ལྷས་བསྔགས་བརྗོད་གནང་ཞིང་། ཁོང་གིས་རང་ལྗོངས་ཀྱི་ཆུ་གཙང་བ་དང་ཆུ་སྤུས་དག་པས་ཆུ་གྲང་ཉ་གསོའི་རང་བྱུང་ཆ་རྐྱེན་ལྡན་ཡོད། བོད་ཀྱི་ས་བབ་མཐོ་བའི་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན་ནས་གཙོ་ཁྲིད་ཐོན་ལས་གཏོད་པ་དང་། ཡུལ་བབ་དང་བསྟུན་ནས་འདེབས་འཛུགས་དང་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོ་གཏན་འཁེལ་བྱེད་པ། ཐོན་རྫས་ལས་སྣོན་ཞིབ་ཚགས་དང་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་དགོས། ཁྲོམ་ར་ཅན་གྱི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲོམ་རའི་དགོས་མཁོར་གཞིགས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་བཏང་ཐོག ཁྲོམ་རའི་འཛད་སྤྱོད་དགོས་མཁོར་བརྟེན་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005