གནས་ཡུལ། མདུན་ངོས། གསར་འགྱུར།
 
 
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཕུལ་བའི་ཕྱག་རྟགས་གཏམ་བརྗོད་ཟློས་གར《སྐྱེ་མི་ཆོག་པའི་མི》ལྗོངས་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་གྱི་སྐུལ་སློང་ཚོགས་ཆེན་འཚོགས་པ།
སྤེལ་དུས།2019-10-21   ཡོང་ཁུངས་།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། བསོད་ནམས་དབང་འདུས་ཀྱིས་བསྒྲིགས།
        ཚེས་18ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཕྱག་རྟགས་གཏམ་བརྗོད་ཟློས་གར《སྐྱེ་མི་ཆོག་པའི་མི》དེ་ལྗོངས་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་གྱི་སྐུལ་སློང་ཚོགས་ཆེན་འཚོགས་པ་རེད།
        གཏམ་བརྗོད་ཟློས་གར་《སྐྱེ་མི་ཆོག་པའི་མི》ནི་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་གྲགས་ཅན་འཁྲབ་ཚན་ཞིག་ཡིན་པ་དང་། མིག་སྔར་ཡང་བསྐྱར་ནང་སྦྱོང་ཐེངས་བཞི་པ་བྱས་པ་དང་། གཏམ་བརྗོད་ཟློས་གར་དེར་ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་ཁས་ལེན་དང་གདེང་འཇོག་གང་ལེགས་ཐོབ་པ་དང་། སྒྱུ་རྩལ་ལས་དོན་པ་རྣམས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཉམས་འགྱུར་དང་འགན་འཁྲིར་དཔང་པོ་བྱས་པ་མ་ཟད། རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་ཀྱང་ཕུལ་ཡོད། གཏམ་བརྗོད་ཟློས་གར་དེས་རྒྱ་ཆེའི་གཞོན་ནུ་སློབ་མ་ཚོས་མེས་རྒྱལ་ལ་དགའ་ཞེན་དང་འཚོ་བར་གཅེས་སྤྲས་ཀྱི་སྤྲོ་སེམས་དང་སེམས་ཀྱི་གཏིང་དང་སྙིང་སྟོབས་ཀྱི་མཐོ་ཚད་ཐོག་ནས་རྒྱ་ཆེའི་སློབ་འབྲིང་སློབ་མ་ཚོས་ནམ་ཡང་ཏང་གི་རྗེས་སུ་འབྲང་བ་དང་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་ཡིད་ཆེས་དང་ཆོད་སེམས་བཅས་འཕེལ་བར་བྱས་ཡོད།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005