གནས་ཡུལ། མདུན་ངོས། གསར་འགྱུར།
 
 
དུས་ཚིགས་དང་པོ་ནས་གསུམ་པའི་བར་སྐྱིད་གྲོང་འགག་སྒོའི་ཉོ་ཚོང་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་27.74ཟིན་པ།
སྤེལ་དུས།2019-10-28   ཡོང་ཁུངས་།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། བསོད་ནམས་དབང་འདུས་ཀྱིས་བསྒྲིགས།
        ལྷ་ས་འགག་སྒོས་བསྡོམས་རྩིས་བྱས་པའི་གྲངས་གཞི་ལས་མངོན་དོན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བསྡོམས་འབོར་བརྟན་པོའི་ངང་འཕར་ནས་ཉོ་ཚོང་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་27.74ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་22.21%འཕར་ཡོད། དེའི་ནང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་0.32ཟིན་པ་དང་ཕྱིར་གཏོང་བྱེད་ཚད་དུང་ཕྱུར་27.42ཟིན་པ་དེ་24.1%དང་23.2%སོ་སོར་འཕར་ནས་ཉོ་ཚོང་གི་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར་27.1ཟིན་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། སྐྱིད་གྲོང་འགག་སྒོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲལ་རིན་གཉིས་ཆག་གི་སྲིད་ཇུས་ལག་བསྟར་ཧུར་ཐག་བྱས་ནས་ཁྲལ་རིན་རྩ་ཆག་གི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཁེ་ལས་ལ་འགག་སྒོ་ལས་སྒྲོལ་བའི་མ་གནས་ཆུང་དུ་ཏན་ཏིག་བཏང་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་སྐྱིད་གྲོང་འགག་སྒོས་རིམ་རྩིས་བྱས་ན་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ལ་ཁྲལ་རིན་སྒོར་ཁྲི་82.05རྩ་ཆག་བཏང་བ་དང་ལོ་སྟོད་དུ་འགག་སྒོའི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ལ་དཔྱང་འདེགས་ལྷུ་སྒྲིག་གནས་སྤོ་མཛོད་འཇུག་གི་རིན་གོང་ཁྱོན་སྒོར་ཁྲི་13.68རྩ་ཆག་བཏང་ཡོད།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005