གནས་ཡུལ། མདུན་ངོས། གསར་འགྱུར།
 
 
ལག་གདང་སྦྲེལ་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད།
སྤེལ་དུས།2020-01-20   ཡོང་ཁུངས་།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། ཉི་མ་ཚེ་རིང་གིས་བསྒྲིགས།
—— བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་བློ་སེམས་གཅིག་མཐུན་ངང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པའི་སྐོར་བཀོད་པ།
            དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་བཟུང་རང་ལྗོངས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་གསར་གཏོད་དང་སྐུལ་འདེད་བཏང་བ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་བ་བཅས་བྱས་པས“མོས་སེམས་ལྔ”དེ་བས་མི་སེམས་ལ་ཟུག་པ་དང་མི་རིགས་ཁག་གི་མི་དམངས་ཀྱི་སྤུན་ཟླའི་བརྩེ་དུང་ཟབ་པ་དང་། ཕན་ཚུན་ལྟ་སྐྱོང་། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་དེ་བས་ཟབ་ཏུ་སོང་ཡོད།
            དྲིལ་བསྒྲཌ་སློབ་གསོར་ཤུགས་སྣོན་བརྒྱབ་ནས་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།
            གཞིས་རྩེར་འཚོ་བ་བསྐྱལ་ནས་ལོ་20ལྷག་ཙམ་སོང་བའི་ལུང་ཧྲི་ཀྲུང་ཀན་སུའུ་ནས་ཡིན་པ་དང་2005ལོར་ལུང་ཧྲི་ཀྲུང་དང་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་པ་སངས་མཆོག་པ་དང་གཉེན་སྒྲིག་བྱས་ཏེ་ཁྱིམ་ཚང་བཙུགས་ཡོད། སྡེ་ཁུལ་དེར་རྒྱ་རིགས་དང་། བོད་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་13གྱི་མང་ཚོགས་འཚོ་སྡོད་བྱེད་པ་དང་ཚང་མ་འཆམ་མཐུན་མཉམ་གནས་དང་ཕན་ཚུན་རོགས་རམ་བྱེད་བཞིན་ཡོད་ཅིང་། ལྕང་ལོ་ཁང་གསར་སྡེ་ཁུལ་དུ་ཐོན་པའི་གཏམ་རྒྱུད་དེ་ལྟ་བུ་ནི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་བསྡུས་རིས་ཤིག་རེད།
            ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་མི་རིགས་མཐུན་སྒྲིལ་གྱི་གྲོང་ཁྱེར་དང་རྫོང་དུ་སྐྱོད་པའི་བྱེད་སྒོ་སོགས་སྤེལ་བ་བརྒྱུད་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པ་དང་། གོ་སྐོན་སློབ་གསོའི་ནུས་པ་ཆེ་ཤོས་ལྡན་པ། མི་སེམས་ལ་གཡོ་འགུལ་ཆེ་ཤོས་ཐེབས་པ་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཕུལ་བྱུང་དཔེ་མཚོན་ཤེས་རྟོགས་བྱས་པ་དང་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པ་བཙུགས་པ་དང་དུས་མཚུངས་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་སྲོལ་རྒྱུན་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་རེད།
            རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲའོ་ཧྲུའུ་མིང་གིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཐད་ང་ཚོས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་འབྲངས་ནས“དྲ་སྦྲེལ་+མི་རིགས་མཐུན་སྒྲིལ”འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། དྲ་ཚིགས་དང་། དཔོད་ཆུང་། སྐད་འཕྲིན། APPསོགས་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་གཡུལ་ས་བསྐྲུན་པ་དང“བོད་ལྗོངས་མི་རིགས་ལས་དོན་ཨུ་ལྷན”གྱི་གཙོ་ཆེའི་དྲ་ཚིགས་དང་སྐད་འཕྲིན་སྤྱི་རྟགས་སྤྱད་དེ་དྲ་ཐོག་གི་རིག་གནས་སྤེལ་རེས་མཉམ་སྤྱོད་ཀྱི་ལས་སྟེགས་ནུས་ཤུགས་ཡོད་རྒུས་བསྐྲུན་ཐོག་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲ་ཐོག་གླེང་སྟེགས་ཀྱི་གཡུལ་ས་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་བཏང་ཐོག་དྲ་སྦྲེལ་བར་མཐོངས་དེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་སུ་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལས་སྟེགས་གསར་པ་བརྟན་པོ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་པ་རེད།
            བྱ་སྤྱོད་ཀྱི་དམ་འཛིན་བྱེད་གཞི་ཡང་དག་བཙལ་ནས་སྤྱི་ཚོཌ་ཀྱི་ཆ་རྐྱེན་ལེགས་སུ་བཏང་བ།
            “མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་དམིགས་ཚད་དུ་བརྩིས་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དེང་རབས་ཅན་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེ་མོ་གཅིག་ཡིན་པས་ནང་མི་ཚང་མ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་སེམས་ཟབ་པའི་བཀའ་མོལ་སྔར་བཞིན་ས་མཐོའི་བུ་ཕྲུག་གི་ཡིད་ལ་བརྟན་པོར་འཇགས་པ་དང་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བརྗེད་མི་སྲིད།
            འཇང་མི་རིགས་ཤང་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དུ་གནས་པ་དང་ཡུལ་དེའི་མི་སེར་གྱིས་རྒུན་འབྲུམ་འདེབས་པ་དང་རྒུན་ཆང་སྙོལ་བའི་ལོ་རྒྱུས་དུས་རབས་19པའི་བར་ཁུངས་འདེད་ཆོག་གི་ཡོད། སྨར་ཁམས་རྫོང་གིས་རྒུན་ཆང་དེ་གཙོ་གནད་ཐོན་ལས་ལ་བརྩིས་ནས་རོགས་སྐྱོར་བྱེད་པ་དང་མུའུ་ཁྲི་ཡི་རྒུན་འབྲུམ་རྟེན་གཞི་བསྐྲུན་ཡོད། འཇང་མི་རིགས་རང་སྐྱོང་ཤང་གི་བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སིའི་2018ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་2000ལྷག་ཙམ་ཟིན་ནས་མཐའ་འཁོར་གྱི་ཡུལ་མི་མང་པོ་ཞིག་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།
            མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཡག་ཏུ་གཏོང་དགོས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དངོས་པོའི་རྨང་གཞི་བརྟན་པོ་བཏིང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས།
            ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་བ།
            “ཕྱོགས་རིས་མེད་པ་དང་བཅའ་ཁྲིམས་དང་མཐུན་པ་བྱས་ཏེ་མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་གྱོད་གཞི་དང་དོན་རྐྱེན་ཁྲིམས་བཞིན་ཐག་གཅོད་འོས་འཚམ་བྱས་ནས་མི་རིགས་ཁག་གི་སྤྱི་དམངས་ལ་འདྲ་མཉམ་གྱི་ཁེ་དབང་ལོངས་སྤྱོད་ཐུབ་པ་དང་འདྲ་མཉམ་ངང་འོས་འགན་བསྒྲུབ་རྒྱུའི་འགན་ལེན་བྱས་ཐོག་མི་རིགས་ལས་དོན་བཅོས་སྐྱོང་བྱ་རྒྱུ་དེ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2019ལོའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་འདི་ལྟར་གསུངས་པ་རེད།
            ལྷ་ས་གྲོང་ཁྱེར་ཝ་པ་གླིང་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། པའེ་རིགས། ཡུ་གུར་རིགས་སོགས་མི་རིགས་10འཚོ་སྡོད་བྱེད་པ་དང་ཝ་པ་གླིང་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཕཱ་ཏུའུ་མཱ་ཡིས“ངེད་ཚོ་ཝ་པ་གླིང་སྡེ་ཁུལ་དུ་ལོ་ལྟར‘མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བ’དང‘3·28ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ’སོགས་ཀྱི་བྱེད་སྒོ་སྤེལ་ནས་མི་འབོར་ཅུང་གཅིག་སྡུད་ཀྱི་ལམ་དུམ་བུར《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》གི་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་དྲིལ་བསྒྲགས་སྦྱར་ཡིག་སྦྱར་བ་སོགས་བརྒྱུད་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་གཏོང་གི་ཡོད”ཅེས་བཤད།
            2012ལོར་རྒྱལ་ཡོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཁྲོད་ནས་ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》སྔོན་ལ་བཟོས་ཏེ་བཏོན་ནས“ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བ”དང་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་ཁྲིམས་སྐྱོང་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་གཏན་འབེབས་ཁག་300ལྷག་ཙམ་སྔ་རྗེས་སུ་བཟོས་ཏེ་བཏོན་པ་དང་རྒྱལ་ཡོངས་རང་བཞིན་གྱི་བཅའ་ཁྲིམས་མང་པོར་བོད་ཀྱི་དོན་དངོས་དང་མཐུན་པའི་ལག་བསྟར་བྱ་ཐབས་བཟོས་པ་རེད།
            ལམ་ཐིག་བཏོད་ཟིན་པས་ལྷོད་གཡེང་མེད་པར་ཁ་ཕྱོགས་སྟངས་འཛིན་བྱས་ཏེ་གྲུ་གཡོར་བསྒྲེངས་ནས་ལམ་ལ་ཆས་འགོ་ཚུགས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བཀའ་མངགས་བློ་ལ་བརྟན་པོར་ངེས་ཏེ་སྤུན་ཉེ་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་སེ་འབྲུའི་རྡོག་པོ་ལྟར་དམ་པོར་སྦྲེལ་ཐོག་དུས་རབས་གསར་པར་མི་རིགས་མཐུན་སྒྲིལ་གྱི་རྒྱལ་ཁའི་གླུ་དབྱངས་ལེན་རྒྱུ་རེད།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005