གནས་ཡུལ། མདུན་ངོས། གསར་འགྱུར།
 
 
རང་ས་རང་ཡུལ་གྱི་དྲི་ངད་འཐུལ་བའི་གྲུབ་འབྲས།
སྤེལ་དུས།2020-01-20   ཡོང་ཁུངས་།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། ཉི་མ་ཚེ་རིང་གིས་བསྒྲིགས།
—— གྲ་ནང་རྫོང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བའི་སྐོར་གྱི་ཟུར་བྲིས།
         མ་དངུལ་སྒོར་ཁྲི་4600ལྷག་ཙམ་བཏང་ནས་མི་ཐེངས་ཁྲི་8.2ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། དམངས་ལ་བྱ་བ་630ལྷག་ཙམ་དངོས་སུ་བསྒྲུབས་པ་དང་དཀའ་གནད་སེལ་རིང་སྨན་བཅོས་དང་། སློབ་གསོ། ལས་ཞུགས་སོགས་མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་དང་། སེམས་ཁྲལ་ཆེ་ཤོས། རེ་སྒུག་ཆེ་ཤོས་བཅས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་89ཐག་གཅོད་བྱས་པ་རེད།
         ཡིག་ཆ་དང་ཚོགས་འདུ་སོགས་དུས་མཚུངས་ལས་30%ཡན་ཉུང་དུ་བཏང་བ་དང་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་བྱེད་ཚད་50%ཉུང་དུ་ཕྱིན་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས་དུས་ཚོད་དང་སེམས་ནུས་དེ་བས་མང་བ་དོན་འཁྱོལ་ལ་དམ་འཛིན་དང་དམངས་ཀྱི་སེམས་ཁྲལ་སེལ་བའི་ཐད་སྤྱད་དེ་བརྗོད་དོན་གཙོ་བོའི་སློབ་གསོ་མང་ཚོགས་དང་སྔར་བས་འབྲེལ་འདྲིས་བྱས་ཡོད།
         གྲ་ནང་རྫོང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དག་གྲངས་གཞི་རེ་རེ་ལས་མངོན་ཡོད།
        གཞི་རིམ་དུ་གཞི་ཚུགས་ནས་མང་ཚོགས་ཀྱི་སྙིང་གཏམ་ཉན་པ།
        གཞི་རིམ་དུ་གཞི་ཚུགས་ན་གཞི་ནས་དམངས་ཀྱི་འདུན་པ་ཤེས་པ་དང་། ཞིང་ནང་དང་མུ་ཁར་བསྐྱོད་ཚེ་གཞི་ནས་མང་ཚོགས་ཀྱི་སྙིང་གཏམ་ཐོས་ཐུབ།
        བརྗོད་དོན་གཙོ་བོའི་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་རྗེས། གྲ་ནང་རྫོང་ཨུད་ཚན་ཁག་གིས་ཞིང་ནང་དང་མུ་ཁར་བསྐྱོད་དེ་མང་ཚོགས་ཀྱི་སྙིང་གཏམ་ཉན་པས་འཕྲལ་མར་ཐག་གཅོད་བྱེད་དགོས་ངེས་ཀྱི་མང་ཚོགས་ཀྱི་གནད་དོན་133ཤེས་རྟོགས་བྱུང་བ་རེད།
        མིག་སྔའི་བར་གྲ་ནང་རྫོང་ཨུད་ཀྱི་རྒྱུན་ཨུ་ཡིས་འགན་འཁྲི་ཁག་བགོས་ཁྱབ་ཁོངས་དང་འབྲེལ་གཏུག་ས་ཚིགས་སུ་བསྐྱོད་ནས་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་13འཚོགས་པ་དང་། ཞིང་འབྲོག་ཁུལ་དང་ལས་ཁུངས་ཏང་ཀྲི་པུའུ་ཁག་གི་ཧྲུའུ་ཅིར་དམིགས་ནས་བཞུགས་མོལ་ཚོགས་འདུ་ཐེངས་2འཚོགས་པ། རིམ་ཁག་ཏང་རྩ་འཛུགས་ཀྱིས་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་50འཚོགས་པ་རེད།
        ལྷག་བསམ་རྣམ་དག་ངང་དམངས་ལ་བྱ་བ་དངོས་བསྒྲུབས་པ།
        འབབ་འཕར་ཡོང་ཐབས་བྱེད་པ་ནི་གནས་ཁ་གྲོང་ཚོའི་གྲོང་མིས་སེམས་ཁྲལ་ཆེ་ཤོས་བྱེད་པའི་གནད་དོན་ཡིན་པས། གནས་ཁ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གོང་རིམ་སྡེ་ཚན་ནས་མ་དངུལ་སྒོར་ཁྲི་30བརྩོན་ལེན་བྱས་ཏེ་གྲོང་ཚོ་དེ་གའི་ཞིང་འབྲོག་པ་19འཁྲབ་སྟོན་རུ་མིར་བྱས་པའི་གྲོང་ཚོ་རིམ་པའི་རིག་རྩལ་དྲིལ་བསྒྲགས་རུ་ཁག་བཙུགས་ནས་གྲོང་མིར་རྒྱུན་མཐུད་འབབ་འཕར་ཡོང་ཐབས་བྱས་པ་རེད།
        གྲོང་སྡོད་ལས་དོན་རུ་ཁག་གཞན་དག་གིས་ཀྱང་གྲོང་ཚོ་དེ་གའི་མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་100ལྷག་ཙམ་བརྩོན་ལེན་བྱས་ཏེ་རང་གནས་སའི་གྲོང་ཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མི་ཚོགས་མང་བའི་ལམ་དུམ་དུ་གད་གཞོང་དང་སྤྱི་པའི་གསང་སྤྱོད་10ལྷག་ཙམ་བསྐྲུན་པ་རེད།
        དབུལ་སྒྲོལ་ལ་དམིགས་ནས་འདུ་ཤེས་ལེགས་སུ་བཏང་བ།
        “བརྗོད་དོན་གཙོ་བོའི་སློབ་གསོའི་དོན་ཐོག་འཁྱོལ་ལ་དམ་འཛིན་དང་ཕན་འབྲས་དངོས་ཐོན་དགོས་ན། རྒྱ་ཆེའི་མང་ཚོགས་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་སློབ་གསོ་འདིར་ཞུགས་སུ་བཅུག་སྟེ། ཁོ་ཚོས་ཕན་འབྲས་ཚོར་ཐུབ་པར་བྱེད་དགོས་པ་མ་ཟད། ད་དུང་ཕན་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས”ཞེས་གྲ་ནང་རྫོང་ཨུད་ཀྱི་ཧྲུའུ་ཅི་ལེགས་ཕུང་གིས་གསར་འགོད་པར་བཤད།
        གྲ་ནང་རྫོང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ད་ལྟ་སྤེལ་བཞིན་པའི་དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། ཡུལ་སྲོལ་བཟང་བ། ནག་སེལ་གཤེད་བཅོམ་སོགས་ཀྱི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱི་བསམ་བློའི་འཁྱེར་སོ་ལེགས་སུ་གཏོང་བ་དང་མང་ཚོགས་ཚོས་དྲིན་ཚོར་ཡར་བརྩོན་བྱེད་པར་སྣེ་ཁྲིད་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་རྨང་གཞི་སྲ་བརྟན་ཡོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ། “སྟོབས་ཆེན་ལྔ་ལྡན་གྱི་རྫོང”གཏོད་པའི་དམིགས་ཚད་མངོན་འགྱུར་བཅས་ཀྱི་ཆེད་དུ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
        མིག་སྔའི་བར་གྲ་ནང་རྫོང་གིས་མཚན་མོའི་སློབ་གྲྭ་གཉེར་ནས་རིག་གནས་བྱང་ཚད་མཐོ་རུ་ཧུར་ཐག་བཏང་བ་དང་ཞིང་འབྲོག་ཁུལ་དུ་བསྐྱོད་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། དམངས་ཕྱུག དམངས་དར། དམངས་ཕན་བཅས་ཀྱི་སྲིད་ཇུས་སོགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་ཐེངས་337སྤེལ་བ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཤེས་བྱའི་ལག་དེབ་ཁྲི་1.5ལྷག་ཙམ་སྤྲད་པ། བརྗོད་དོན་གཙོ་བོའི་སློབ་གསོའི་ཤེས་དགོས་ངེས་ཀྱི་ཤེས་བྱའི་ལག་དེབ་300ལྷག་ཙམ་སྤྲད་པ་རེད།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005