གནས་ཡུལ། མདུན་ངོས། གླུ་གཞས།
 
 
༄༅།། བོད་ཀྱི་ལ་གླུ།
སྤེལ་དུས།2017-09-19   ཡོང་ཁུངས་།ཁམས་པི་དྲ་བ།   རྩོམ་པ་པོ། སྣང་མཛོད་ཀྱིས་བསྒྲིགས།
          སྒང་རི་སྒང་གི་རྩི་ཐོག་སྒང་།རྩྭ་རྩི་འཕྱངས་འཇག་མས་གུར་གཅིག་ཕུབ།ལུག་གཡང་དཀར་ཤོག་དང་གུར་སྒོ་ཕྱེ།དེ་མིན་འོང་ན་ཕྱེ་ལེན་མིན།སྐེད་རི་སྐེད་པའི་སྣ་མའི་སྐེད།སྣ་མ་སྔོན་མོའི་གུར་ཞིག་ཕུབ།འབྲི་ཟིང་དཀར་ཤོག་དང་གུར་སྒོ་ཕྱེ།དེ་མིན་འོང་ན་ཕྱེ་ལེ་མིན།མདའ་རི་མདའ་ནས་མེ་བཀྲ་ཡི་མདའ།མེ་ཏོག་སེར་པོས་གུར་གཅིག་ཕུབ།རྟ་འདོ་བ་ཤོག་དང་གུར་སྒོ་ཕྱེ།དེ་མིན་འོང་ན་ཕྱེ་ལེ་མིན།
སྔ་དྲོའི་ཉི་མ་བྲག་ལ་ཕོག བྲག་དཀར་འཛོང་ལྷ་སྐུ་ཨེ་འདྲ་དོ།རྒོད་ཐང་དཀར་སློབ་གཉེར་ཨེ་འདྲ་དོ།ཉི་གཞུང་ཉི་མ་ཐང་ལ་ཕོག ཐང་ཨ་ཆེན་ཤོག་དཀར་ཨེ་འདྲ་དོ།དྲིལ་སྨུག་ཆུང་བྲི་པ་ཨེ་འདྲ་དོ།ཕྱི་དྲོའི་ཉི་མ་ཆུ་ལ་ཕོག ཆུ་གཙང་པོ་གྲུ་ཀོ་ཨེ་འདྲ་དོ།ཉ་གསེར་ཉ་གྲུ་པ་ཨེ་འདྲ་དོ།
         སྟག་ཤར་ལུ་ཟེར་ལེ་ནོར་བུ་ཚོ།བོག་ཁྲ་རིང་ནོར་བུའི་རྒྱུན་ཆ་རེད།དགྲ་སྔ་མོ་མ་ཕོག་བླ་མས་སྐྱོབ།སྨན་བུ་མོ་ཟེར་ལེ་ནོར་བུ་ཚོ།གཡུ་དྲུང་དཀར་ནོར་བུའི་རྒྱན་ཆ་རེད།ཁྲེལ་མི་ཁ་མ་ཕོག་བླ་མས་སྐྱོབ།
ང་གཡུ་ལུང་ནང་ནས་ཡར་ཡར་སོང་།གཡུ་དྲུང་དཀར་ནོར་བུའི་སྒར་འཁྱིལ་རྙེད།རྒྱུ་ཁར་ནས་ཉོ་ས་མ་སོང་སྟེ།གཡུ་དྲུང་དཀར་ང་ལ་རང་འཁོར་རེད།ང་གཟི་ལུང་ནང་ནས་ཡར་ཡར་སོང་།གཟི་ནག་བཀྲ་ཆུ་མིག་དགུ་པ་རྙེད།རྒྱུ་ཁུར་ནས་ཉོ་ས་མ་སོང་སྟེ།གཟི་ནག་བཀྲ་ང་ལ་རང་འཁོར་རེད།
 
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005