གནས་ཡུལ། མདུན་ངོས། དེང་རབས་ཀྱི་རྩོམ་ཡིག
 
 
༄༅།། ངའི་རྨི་ལམ་ནང་གི་འཇིག་རྟེན།
སྤེལ་དུས།2017-07-18   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ།


          མཛེས་སྡུག་ནི་བརྗོད་བྲལ་གྱི་ཚོར་སྣང་ཞིག་སྟེ།
          མིག་གིས་ལོངས་སྤྱོད་དུ་སྨིན་པ་ན་སེམས་ཀྱིས་ཚོར་ངེས།
          དེ་ནི་མངོན་ལྐོག་གི་གྲུ་ཟུར་རེ་ན།
          ང་ཚོའི་མཐོང་སྣང་ལ་ཁ་དོག་གཉིས་ལྡན་གྱི་ཚུལ་དུ་སྣང་།
          མེ་ཏོག་གིས་གོ་ལ་ཟླུམ་པོར་མཛེས་རྒྱན་སྤྲས་ཏེ།
          གནས་འདིར་བདེ་སྐྱིད་ཀྱི་ལང་ཚོ་བསྐྲུན་ཆེད།
          ངའི་རྨི་ལམ་ནང་གི་འཇིག་རྟེན།
          རྐང་དྲུག་གཞོན་ནུ་མགྲོན་དུ་འབོད་ངེས།
          ང་ཚོར་མཚོན་ན་དེ་ནི་ཆོས་ཉིད་ཅིག
          ཉི་འོད་དེ་འཛམ་གླིང་གང་སར་ཁྱབ་པས།
          རྩི་ཤིང་རིགས་ལ་སྐྱེ་སྟོབས་ཀྱི་མེ་ཁ་གསོ་ངེས།
          གོ་ལ་འདིར་དྲོད་ཁོལ་དང་བདེ་སྐྱིད་གནང་བས།
          དེ་ལྟར་བསྐྲུན་ཟིན་པའི་བརྒྱུད་རིམ་ལ་དྲི་ཚིག་མེད་དོན་ཅི།
          སྙན་ངག་གིས་སེམས་ཀྱི་ཚོར་འདུ་སྟོན་ཞིང་ཡིད་ཀྱི་དུང་བ་གྱེར་བས།
          ཚང་མས་ཡིད་སྨོན་འཆོར་ཞིང་རྣ་བའི་བཅུད་དུ་སྒོམ།
          འོན་ཀྱང་། སུ་དང་གང་གིས་བྲང་གཞུང་དུ་བྱོ་བ།
          བདག་སྨྱུག་ཁོ་ན་ལས་སུས་ཀྱང་རྟོགས་དཀའོ།།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005