གནས་ཡུལ། མདུན་ངོས། ཞིབ་འཇུག་ལས་ཁུངས།
 
 
༄༅། །ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས།
སྤེལ་དུས།2007-12-17   ཡོང་ཁུངས་།   རྩོམ་པ་པོ།
       ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནི་སྤྱི་ལོ་༡༩༨༦ལོའི་ཟླ་༥ཚེས་༢༠ཉིན་པེ་ཅིང་དུ་དབུ་བརྙེས། ད་ལྟའི་འགོ་ཁྲིད་ཚན་ཁག་ནི་ཏང་ཙུའུ་ཧྲུའུ་ཅི་ཁྲེན་ཧུང་དང་། སྤྱི་ཁྱབ་ལས་འཛིན་ལྷག་པ་ཕུན་ཚོགས། སྤྱི་ཁྱབ་ལས་འཛིན་གཞོན་པ་དགེ་ལེགས། བསྟན་འཛིན་རྒན་པ། པི་ཧྭ་བཅས་ཡིན། རིག་གཞུང་ཨུ་ཡོན་ལྷན་ཁང་ནི། ལྟེ་གནས་ཀྱི་ཚན་རིག་ལག་རྩལ་དང་། རིག་གཞུང་ལས་ཀའི་ཞུ་དག་དང་བཀའ་འདྲི་ཞུ་ཡུལ་གྱི་ཚོགས་པ་ཞིག་ཡིན།དེ་ནི་དམིགས་གསལ་གྱི་གདན་ཞུས་བྱས་པའི་ཆེད་རམས་པ་དང་། ལྟེ་གནས་ཀྱི་མཁས་དབང་གྲགས་རྣམས་ལྷན་ཏུ་འདུས་པའི་རྩ་འཛུགས་ཞིག་ཡིན།

    མིག་སྔར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་འོག་གི་ལས་ཁུངས་ཁག་ལ། སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་དང་།   ལོ་རྒྱུས་ཞིབ་འཇུག་ཁང་། ཆོས་ལུགས་ཞིབ་འཇུག་ཁང་། དེང་རབས་ཞིབ་འཇུག་ཁང་། དཔེ་མཛོད་ཁང་དང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཀྲུང་གོའི་བོད་རིག་པ་དུས་དེབ་ཁང་།  བཀའ་བསྟན་དཔེ་སྡུར་ཁང་།(སི་ཁྲོན་ཁྲེང་ཏུའུ་ལ་ཡོད)   པེ་ཅིང་བོད་ལུགས་སྨན་ཁང་བཅས་བཙུགས་ཡོད།

   ལས་བཟོ་ཚོགས་མི་༡༣༡ལྷག་ཙམ་ཡོད་པ། དེའི་ནང་དུ་བོད་རིགས་དང་། རྒྱ་རིགས། སོག་རིགས།མན་ཇུ་རིགས། ཧུད་རིགས།ཐུ་ཅ་རིགས།འཇང་རིགས། དབྱི་རིགས་བཅས་ཀྱི་མི་རིགས་ཁག་འདུས་ཡོད།  ཆེད་ལས་ལག་རྩལ་མི་སྣ་༧༦ཡོད་པ དེའི་ནང་དུ་མཐོ་རིམ་ལག་རྩལ་གོ་མིང་རྒན་པ་ཐོབ་མཁན་༢༤དང་། མཐོ་རིམ་གཞོན་པའི་ཐོབ་མཁན་༣༠། འབུམ་རམས་པ་༡༡  རབ་འབྱམས་པ་༡༧   དེའི་ནང་དུ་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཡོད་པའི་མཁས་དབང་ལྷག་པ་ཕུན་ཚོགས་དང་། དགེ་ལེགས། ཁྲེན་ཆིང་དབྱིན། རྡོ་རྗེ་ཚེ་བརྟན།  ཧུའུ་ཐའན།    ཏེང་རུའེ་ལིན་སོགས་ཡོད་པ་རེད།

    བཀའ་བསྟན་དཔེ་བསྡུར་ཅུད་ཀྱིས་རྒྱལ་ཁབ་ཀྱི་གལ་ཆེའི་ལས་གཞི་<<བཀའ་བསྟན་འགྱུར་་>>(བོད་ཡིག)དཔེ་བསྡུར་དང་།  ཕྱོགས་སྒྲིག དཔེ་སྐྲུན་བཅས་ཀྱི་ལས་འགན་ཁུར་ཡོད། དེབ་ཆ་ཚང་གཅིག་ལ་པུ་སྟི་༢༣༩ཡོད་ལ།    མིག་སྔར་དཔེ་སྐྲུན་བྱས་ཟིན་པའི་དེབ་༡༢༤དང་།འགྲོ་སོང་སྒོར་བྱེ་བ་གསུམ་དང་ས་ཡ་དགུ་དང་བརྒྱད་འབུམ་བདུན་ཁྲི་བདུན་བདུན་སྟོང་(39,877,000) བཏང་ཚར་བ་རེད།

པེ་ཅིང་བོད་ལུགས་སྨན་ཁང་གིས་བོད་ལྗོངས་དང་། བོད་རིགས་ས་ཁུལ་གནས་གཞན་གྱི་སྐད་གྲགས་ཅན་གྱི་བོད་ལུགས་གསོ་རིག་མཁས་པ་ཚོ་དང་མཉམ་ལས་བྱས་ནས།  པེ་ཅིང་ས་ཁུལ་དུ་བོད་སྨན་གྱི་ཞབས་འདེགས་ལས་ཀ་བྱེད་ཀྱི་ཡོད་དང་ཆབས་ཅིག་བོད་ལུགས་གསོ་རིག་སྨན་རྫས་དེང་རབས་ཅན་དུ་འགྱུར་རྒྱུའི་ཚན་རིག་ཞིབ་འཇུག་བྱེད་ཅིང་འབད་བརྩོན་ཆེན་པོས་བོད་ལུགས་གསོ་རིག་སྨན་རྫས་དེ་མཐོ་སྒང་གི་ས་ཁུལ་ནས་ཕྱི་ཕྱོགས་ལ་དོན་ཐོག འཛམ་གླིང་ཀུན་ཏུ་སྐྱོད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། མིག་སྔར་རྒྱལ་ཁབ་ཀྱིས་པེ་ཅིང་བོད་ལུགས་སྨན་ཁང་གི་འཛུགས་སྐྲུན་སྒོར་ཁྲི་8600 བཏང་ཡོད།

      རིག་གཞུང་སྤེལ་རེས་ཐད། ལྟེ་གནས་ཀྱིས་བདེ་བླག་ངང་ཤུགས་རྐྱེན་ཆེ་ཙམ་ལྡན་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པ་དང་ཚོགས་བོད་རིག་པའི་དཔྱད་གླེང་ཚོགས་འདུ་ཐེངས་གསུམ་འཚོགས་ཡོད། སྤྱི་ལོ་༢༠༠༡ལོའི་པེ་ཅིང་བོད་རིག་པའི་དཔྱད་གླེང་འཚོགས་འདུ་ཞུགས་མཁན་མི་གྲངས་༢༢༠ལྷག་ཙམ་བྱུང་ཡོད་པའི་ནང་། རྒྱལ་ཁབ་དང་ས་ཁུལ་༡༤ནས་ཡོང་བའི་མཁས་པ་ཡོད། ད་དུང་རྒྱ་ཁབ་ཕྱི་ནང་གཉིས་ཀའི་མཁས་པ་རྣམས་ཞུགས་པའི་ཆེད་གཉེར་གྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་ཐེངས་མང་འཚོགས་ཡོད་པ་རེད། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་ཞིབ་འཇུག་ལས་རིགས་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་ཆེད། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་ནས་སློབ་ཁྲིད་དང་། ཞིབ་འཇུག་མཉམ་ལས། དུས་ཐུང་གི་ཟབ་སྦྱོང་བཅས་གྱི་གནང་བར་ཕེབས་པའི་མཁས་དབང་རྣམ་པར་སྣེ་ལེན་ཞུས་ཡོད།   སྤྱི་ལོ་༢༠༠༠ལོ་ཚུན་དུ།  སྔོན་རྗེས་སུ་རྒྱལ་ཁབ་ཁག་༤༠ལྷག་ནས་ཕེབས་པའི་རིག་གཞུང་པདང་།  ཕྱི་འབྲེལ་དཔོན་རིགས།    གསར་འགྱུར་འགོད་པ་སོགས་མི་ཐེངས་༢༣༠ཙམ་ལ་སྣེ་ལེན་ཞུ་ཡོད། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་འཚམས་འདྲིར་། མཁས་དབང་གདན་ཞུ་བྱས་ཡོད་པ་མ་ཟད།       

     མཁས་དབང་རྣམས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྤེལ་རེས་བྱེད་སྒོའི་ནང་དུ་ཞུགས་པར་བཏང་ཡོད། བོད་རིག་པའི་མཁས་དབང་གི་སྐུ་ཚབ་ཚོགས་པ་ཕྱི་རྒྱལ་དུ་འཚམས་འདྲི་ཞུ་བར་བཏང་ནས་རྒྱལ་སྤྱིའི་དབར་གྱི་རིག་གཞུང་སྤེལ་་རེས་ཀྱི་བྱེད་སྒོ་སྣ་ཚོགས་ནང་དུ་ཐེངས་མང་ཞུགས་ཡོད།   རྒྱལ་ཁབ་ཁག་༣༠ལ་མི་ཐེངས་གྲངས་༡༢༠ལྷག་ཙམ་འཚམས་འདྲིར་་ཕེབས་ཡོད།

  ལྟེ་གནས་དབུ་བརྙེས་པ་ནས་བཟུང་ཚན་ཞིབ་ཀྱི་རྣམ་གྲངས་གལ་ཆེན་ཁག་གཅིག་ཞིབ་འཇུག་བྱ་རྒྱུའི་ལས་འགན་བླངས་ཡོད་པ་དེའི་ནང་རྒྱལ་ཁབ་ཀྱི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་བྱ་གཞི་སྟེ།  ཡོན་རྒྱལ་རབས་ཚུན་གྱི་བོད་ས་གནས་དང་ཀྲུང་དབྱང་སྲིད་གཞུང་དབར་གྱི་འབྲེལ་བ་ཞིབ་འཇུག་དང་།    བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ཀྱི་རྣམ་པ་ཞིབ་འཇུག      <<བཀའ་བསྟན་འགྱུར་(བོད་ཡིག་དཔར་གཞི་) >>དཔེ་བསྡུར་།

       བོད་ལྗོངས་ལྷ་སར་ཉར་ཚགས་བྱས་ཡོད་པའི་ལེགས་སྦྱར་ཡི་གེའི་ཏ་ལའི་ལོ་མའི་ཆོས་ཡིག་ལེགས་སྒྲིག་ཞིབ་འཇུག ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དཔེ་ཚོགས·ལྷ་སའི་དེབ་བཅས་དང་། རྒྱལ་ཁབ་ཚན་རིག་ཨུ་ལྷན་གྱི་གཙོ་གནད་ཞིབ་འཇུག་བྱ་གཞི་སྟེ། མཚོ་བོད་ས་མཐོའི་ཁོར་ཡུག་དང་འཕེལ་རྒྱས། ཀྲུང་ཧྭའི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ཞིབ་འཇུག་བྱ་གཞི་སྟེ། བོད་ཀྱི་ཞིང་པའི་འཚོ་བ་སྟེ། ཕ་ལྷ་གཞིས་ཀ་གཙོ་བོར་འཛིན་པའི་བརྟགདཔྱད་ཞིབ་འཇུག  གཞོན་ནུའི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ཞིབ་འཇུག་བྱ་གཞི་སྟེ། བོད་ཁུལ་གྱི་དམིགས་བསལ་སྐད་རིགས་ཞིབ་འཇུག་དང་། ཡོན་རྒྱལ་རབས་ཀྱི་བོད་ཀྱི་སྲིད་འཛིན་སྒྲིག་སྲོལ་ཞིབ་འཇུག་སོགས་ཡོད།

  མིག་སྔར་ཞིབ་འཇུག་བྱེད་བཞིན་པའི་གཙོ་གནད་ཞིབ་འཇུག་བྱ་གཞིའི་གྲས་སུ་བོད་ལྗོངས་་ལོ་རྒྱུས་ཆེན་མོ་དང་། བོད་ལྗོངས་ཀྱི་དབུལ་དཀའ་ལས་སྒྲོལ་བའི་འཐབ་ཇུས་ཞིབ་འཇུག་གསར་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བ་བྱེད་པའི་སྐོར། བོད་སྨན་ཞལ་རྒྱུན་སྦྱོར་སྡེ་རྣམས་མྱུར་སྐྱོབ་དང་དར་རྒྱས་སྐོར།  ཆོས་ཀྱི་རྣམ་གྲངས།  ཀྲུང་གོའི་གྲངས་ཉུང་མི་རིགས་གནའ་དཔེ་དཀར་ཆག་གནད་བསྡུས་ལས་བོད་ཡིག་ཚན་པ།(པེ་ཅིང་ཚན་པ།)  ཀྲུང་གོ་གུང་ཁྲན་ཏང་གི་བོད་ལྗོངས་སྲིད་ཇུས་ཞིབ་འཇུག་སོགས་ཡོད།

       ལྟེ་གནས་ལ་སྨི་གྲུ་བཞི་མ་ཆིག་ཁྲིའིཚན་ཞིབ་ཁང་ཆེན་ཞིག་ཡོད་པ།  དེའི་ནང་ཚོགས་ཁང་སྣ་ཚོགས་དང་། གཤམས་སྟོན་ཁང་༡༠ལྷག་དང་།   མི་གྲངས་༤༠༠ལྷག་ཙམ་ཤོང་བའི་ནུས་མང་ཚོམས་ཆེན་ཞིག་ཡོད། ཆེད་ལས་མི་སྣའི་ལས་ཀའི་མཐུན་རྐྱེན་དང་། ཚན་ཞིབ་ཀྱི་ཡོ་བྱད་རྣམས་དེང་རབས་ཅན་གྱི་ཆུ་ཚད་ལ་སླེབས་ཡོད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005